དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་བཞི་དང་སྟོང་ལྔ་ལྷག་ཙམ་རྐྱེན་ལམ་དུ་ཤོར།
2024.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས16ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་རེས་སྐོར་གསར་པའི་འཁྲུག་རྩོད་བྱུང་བ་ནས་བཟུང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་ཁྲི་བཞི་དང་སྟོང་ལྔ་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཅིག་དང་སྟོང་དྲུག་དགུ་བརྒྱ་རེ་གཉིས་ལ་རྨས་ཕོག་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར། འདས་ཟིན་པའི་ཆུ་ཚོད24ཡི་ནང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི52རྐྱེན་ལམ་དུ་ཤོར་བ་དང་། མི203ལ་རྨས་ཕོག་པར་མ་ཟད། ད་དུང་གནོད་འཚེ་ཕོག་མཁན་མང་པོ་ཞིག་རོའི་འོག་ཏུ་ལུས་ནས་རོགས་སྐྱོབ་མི་སྣས་སྐྱོབ་ཐབས་བྲལ་ཡོད་ཟེར། 

གཞན་ཡང་ཚེས16ཉིན་ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དང་དབུས་རྒྱུད་ས་ཁུལ་དུ་འབར་མདེལ་འཕངས་པ་ལས་མི8རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་ཕོག་ཡོད་ཟེར། 

དབྱི་སི་རལ་དམག་དཔུང་གིས་དེའི་ཐད་ལན་ཅི་ཡང་བྱིན་མེད།