ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་གྱིས་ཚེས17ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གལ་ཏེ་དབྱི་སི་རལ་གྱིས་ཆ་རྐྱེན་གསར་བ་འདོན་མཚམས་བཞག་ན། དམག་འཁྲུག་མཚམས་འཇོག་པ་དང་མི་གཏའ་བརྗེ་རེས་བྱེད་པའི་གྲོས་མཐུན་འགོད་སྲིད་ངེས་ཟེར།
གསལ་བསྒྲགས་ནང་བཤད་རྒྱུར། འབྲེལ་ཡོད་ཕྱོགས་ཀྱིས་ཚེས17ཉིན་ཁ་ཐར་དང་ཨེ་ཅིབ་ཀྱི་རྒྱབ་སྐྱོར་འོག ཁ་ཐར་གྱི་རྒྱལ་ས་ཏོ་ཧ་ནས་གྲོས་སྡུར་ནན་མོ་བྱས། གལ་ཏེ་དབྱི་སི་རལ་གྱིས་ཆ་རྐྱེན་གསར་བ་མ་བཏོན་ན། དམག་འཁྲུག་མཚམས་འཇོག་པ་དང་མི་གཏའ་བརྗེ་རེས་བྱེད་པའི་གྲོས་མཐུན་འགོད་ཐུབ་ངེས་ཟེར།
རིན་ཆེན་མཚོས་བསྒྱུར།