དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཅཱ་ཧྲར་མུ་མཐུད་དུ་དམག་དོན་བཀག་སྡོམ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
2024.12.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡིས་ཚེས17ཉིན་སྨྱན་བྱད་བརྒྱུད་ནས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མཇུག་རྫོགས་རྗེས། དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་དམག་དོན་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།

ཁཱ་ཚི་ཡིས་བཤད་རྒྱུར། ནམ་ཞིག་ལ་དབྱི་སི་རལ་གྱིས་ཧཱ་མ་སིའི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་སྟོབས་ཤུགས་དང་དབང་བསྒྱུར་སྟོབས་ཤུགས་རྩ་གཏོར་བྱས་ཚེ། དབྱི་སི་རལ་གྱིས་གཏན་ནས་རང་དབང་གི་འགུལ་སྐྱོད་ལ་བརྟེན་ནས་ཅོར་ཏན་ཆུ་བོའི་ནུབ་འགྲམ་དང་འདྲ་བར་ཅཱ་ཧྲ་ས་ཁུལ་གྱི་བདེ་འཇགས་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།

མིག་སྔར། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་དམག་དོན་ཞིབ་བཤེར་ས་ཚིགས་དང་སོ་ལྟ་ཁང་བཙུགས་ཡོད།

ཕ་ལེ་སི་ཐན་ཕྱོགས་ཀྱིས་གནས་སྐབས་སུ་ཁཱ་ཚི་ཡི་གོང་གི་སྨྲ་བརྗོད་ཐད་ནས་ཕྱིར་ལན་མ་བཏབ།

རིན་ཆེན་མཚོས་བསྒྱུར།