ཅིར་ཅི་སི་སི་ཐན་གྱི་ཁཱ་པཱ་ཨར་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་ཉིན་དེར་སྐབས་གསུམ་པའི་ཅིར་ཅི་སི་སི་ཐན་གྱི་མི་དམངས་ཚོགས་ཆེན་གྲོས་ཚོགས་སྟེང་བཤད་རྒྱུར། རྒྱལ་ཁབ་དེས་ཝུའུ་ཙི་པེ་ཁི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་བར་གྱི་མཐའ་མཚམས་གནད་དོན་གྱི་གྲོས་མོལ་ཡོངས་འགྲུབ་བྱས་ཡོད་ཟེར།
ཀྲ་ཕཱ་ལོ་ཧྥུའུ་ཡིས་བསྟན་དོན། མཐའ་མཚམས་གནད་དོན་ཐག་གཅོད་བྱས་པ་ནི་མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་དང་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་པ་དང་། ད་ལྟ་མཐའ་མཚམས་ས་ཁུལ་དེ་རྒྱལ་ཁབ་བར་གྱི་རྒྱལ་མཚམས་ནས་མཉམ་ལས་བྱ་འགུལ་སྤེལ་བ་དང་མཉམ་འབྲེལ་ལས་གཞི་ལག་བསྟར་བྱེད་སའི་སྟེགས་བུ་ཞིག་ཏུ་འགྱུར་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།