ནེ་ཀྲི་རི་ཡཱའི་རྒྱལ་ས་ནས་རྡོག་བརྫིས་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།
2024.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ཡི་ཆོས་ཁང་ཞིག་ཏུ་ཚེས་ཉེར་གཅིག་ཉིན་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར།

ནེ་ཀྲི་རི་ཡཱའི་གནམ་བདག་ཆོས་ལུགས་ཀྱི་དྲུང་ཡིག་ཁྲུའུ་ཡི་མགྲིན་ཚབ་པ་མེད་ཁི་ཝུའུ་མའོ་ཡིས་གསར་འགོད་པར་བཤད་རྒྱུར། རྡོག་བརྫིས་དོན་རྐྱེན་དེ་ཨ་པུའུ་ཅཱ་ཡི་མཱ་དབྱེ་ཐཱ་མཱ་ས་ཁུལ་གྱི་ཆོས་ཁང་ཞིག་ནས་བྱུང་བ་དང་། ཆོས་ཁང་དེར་སྐབས་ཐོག་དེར་བཟའ་བཏུང་དང་གྱོན་གོས་སོགས་རོགས་སྐྱོར་དངོས་རྫས་སྟེར་བཞིན་ཡོད་པ་དང་། མི་སྟོང་གསུམ་ལྷག་གིས་དངོས་རྫས་ལེན་བཞིན་ཡོད། ཡུལ་དངོས་སུ་རྡོག་བརྫིས་དོན་རྐྱེན་བྱུང་སྟེ། བྱིས་པ་བཅས་པའི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།