ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ནས་དམག་མི་བཅུ་དྲག་རྐྱེན་ལམ་དུ་ཤོར།
2024.12.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས། དམག་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། འཇིགས་སྐུལ་ཉེས་ཅན་བརྒྱད་བསད།

ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ས་དེའི་ཚེས་ཉི་ཤུ་ཉིན་གྱི་ནམ་གུང་ནས་ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་བབར་། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གིས་ཁའེ་པའོ་ཨར་དང་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཝ་ཅི་ལི་སི་ཐན་ལྷོ་མ་ས་ཁུལ་གྱི་བདེ་འཇགས་དམག་དཔུང་གི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་དང་། བདེ་འཇགས་མི་སྣས་དེའི་རྗེས་སུ་ཕྱིར་རྒོལ་ལན་སྤྲད། འཁྲུག་རྩོད་དྲག་པོ་བྱེད་སྐབས་དམག་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། འཇིགས་སྐུལ་ཉེས་ཅན་བརྒྱད་བསད། མིག་སྔར་ཕཱ་ཁི་སི་རི་ཐན་གྱི་བདེ་འཇགས་དམག་དཔུང་གིས་ས་དེར་གཙང་ཕྱགས་འགུལ་སྐྱོད་སྤེལ་བཞིན་ཡོད།

ཝ་ཅི་ལི་སི་ཐན་ལྷོ་མ་ས་ཁུལ་དེ་ཨ་ཧྥུའུ་ཧན་དང་འདབས་འབྲེལ་དུ་ཡོད་པ་དང་། ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་སོགས་འཇིགས་སྐུལ་རྩ་འཛུགས་ཀྱིས་ནམ་རྒྱུན་གནས་དེར་འགུལ་སྐྱོད་བྱེད་བཞིན་ཡོད། གོང་སྨྲས་ཀྱི་ས་ཁུལ་དེ་ཡང་ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་བྱེད་སའི་ས་ཁོངས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།