དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས23ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་དང་སི་རི་ཡཱའི་ཆབ་སྲིད་ཕྱོགས་ཁག་མང་བོས་འབྲེལ་འདྲིས་སྲུང་འཛིན་བྱས་ནས་དུས་ཡུན་རིང་བོ་འགོར་ཡོད་པ་དང་། ནམ་རྒྱུན་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྒྲོམ་གཞིའི་ནང་སྤེལ་བའི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད་ཀྱང་། མིག་སྔར་དབྱི་ལིང་དང་སི་རི་ཡཱའི་བར་བརྒལ་སྲིད་གཞུང་བར་ཐད་ཀར་འབྲེལ་བ་ཅི་ཡང་མེད་ཟེར།
པཱ་ཅཱ་ཨེ་ཡིས་བསྐྱར་སྒྲོག་བྱས་དོན། སི་རི་ཡཱའི་མ་འོངས་པ་དེ་སི་རི་ཡཱའི་མི་དམངས་ཀྱིས་གཏོར་བརླག་རང་བཞིན་གྱི་ཕྱི་ཕྱོགས་ཐེ་གཏོགས་མེད་པའི་གནས་ཚུལ་འོག་ཐག་གཅོད་བྱེད་དགོས་པ་དང་། སི་རི་ཡཱ་དེ་འཇིགས་སྐུལ་རིང་ལུགས་འབྱུང་སའི་ཉེན་ཡོལ་གྲུ་ཁ་ལྟ་བུར་འགྱུར་མི་རུང་ཟེར།
པཱ་ཅཱ་ཨེ་ཡིས་བཤད་རྒྱུར། དབྱི་ལིང་སི་རི་ཡཱའི་མངའ་ཁོངས་སུ་སོང་བ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་སོགས་ལ་ཆམ་ཕབ་བཏང་སྟེ། བདེ་འཇགས་མིན་པའི་རྒྱུ་དག་ཨེ་ཤ་ཡཱ་ནུབ་མ་ས་ཁུལ་ནས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་ཆེད་ཡིན་ལ། དབྱི་ལིང་གིས་ཤུགས་དང་ལྡན་པའི་འགུལ་སྐྱོད་སྤེལ་ནས་ས་ཁུལ་དེར་རང་སྲུང་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།