དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས23ཉིན་བཤད་རྒྱུར། དབྱི་ལིང་གིས་སང་ལོའི་ཟླ་དང་པོར་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་སོགས་ལ་གྲོས་མོལ་བྱེད་སྲིད་ཟེར།
པཱ་ཅཱ་ཨེ་ཡིས་ཚེས23ཉིན་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་གྱི་ནང་དོན་དེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལས་གཞན་ད་རུང་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་རབ་དང་རིམ་པ་འདུས་ཡོད་ཟེར།
ཟླ11པའི་ཚེས29ཉིན། དབྱི་ལིང་གིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱི་ཕྱི་འབྲེལ་དཔོན་པོ་དང་མཉམ་དུ་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོས་མོལ་བྱས་པ་དང་། གཙོ་བོ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།