དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཚེས23ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གིས2025ལོའི་ཟླ་དང་པོར་ཨུ་རུ་སིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲོས་མཐུན་འགོད་སྲིད་ཟེར།
པཱ་ཅཱ་ཨེ་ཡིས་བཤད་རྒྱུར། དབྱི་ལིང་དང་ཨུ་རུ་སི་ཡིས་ནམ་རྒྱུན་དུས་བཅད་ལྟར་གྲོས་མོལ་བྱས་ཏེ། ཡིག་ཆ་གལ་ཆེན་དེ་འགོད་པའི་དུས་སྐབས་འོས་འཚམ་གཏན་འཁེལ་བྱེད་བཞིན་ཡོད། ངས་བལྟས་ན་བྱ་བ་དེ་ཅང་མ་འགོར་བར་ཡོངས་འགྲུབ་བྱེད་སྲིད་ལ། གལ་ཏེ་ལེགས་འགྲུབ་བྱུང་ན་ཡིག་ཆ་དེ2025ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་འགོད་ཐུབ་ངེས་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།