ཡེ་མིན་གྱི་སྲིད་གཞུང་ལ་བློ་ཉེ་བའི་དྲག་ཆས་པས་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱི་མི8བསད་པའི་ཚུལ་བསྟན།
2024.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཡེ་མིན་ལྷོ་ནུབ་ཕྱོགས་ཀྱི་ཐཱ་དབྱེ་ཙི་ཞིང་ཆེན་གྱི་སྲིད་གཞུང་ལ་བློ་ཉེ་བའི་དྲག་ཆས་པས་ཚེས24ཉིན་བཤད་རྒྱུར། དྲག་ཆས་པ་དེས་ཐཱ་དབྱེ་ཙི་ཞིང་ཆེན་ནས་ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ནས། ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱི་མི་སྣ8བསད་པ་དང་མི15ལ་རྨས་ཕོག་ཡོད་ཟེར།

དྲག་ཆས་རྩ་འཛུགས་དེས་ཉིན་དེར་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་དུས་ཚོད་འགའི་ཡར་སྔོན་ཕམ་ཉེས་ཀྱི་འཇབ་རྒོལ་ཐེངས་ཤིག་སྤེལ་བ་དང་། སྲིད་གཞུང་གི་ཐཱ་དབྱེ་ཙི་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་སུ་ཡོད་པའི་དམག་དོན་རྟེན་གཞིར་གཏོར་བརླག་གཏོང་རྩིས་རེད་ཟེར།

ས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་འཁྲུག་རྩོད་བྱུང་སའི་ཡུལ་དངོས་ནས་རྨས་མ་རྣམས་སྨན་ཁང་དུ་སྐྱེལ་བཞིན་ཡོད་པ་དང་། ཧུའུ་སེ་དྲག་ཆས་པས་ཉེ་འདབས་ཀྱི་དབྱེ་པུའུ་ཞིང་ཆེན་སོགས་ས་ཁུལ་ནས་རོགས་དམག་འཐེན་ནས་ཐཱ་དབྱེ་ཙི་ཞིང་ཆེན་གྱི་སྲིད་གཞུང་དམག་དཔུང་གི་དཔུང་འཇུག་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཟེར།

ཧུའུ་སེ་དྲག་ཆས་པས་དོན་དེའི་ཐད་ནས་མིག་སྔར་ད་རུང་གསལ་སྒྲོག་ཅི་ཡང་སྤེལ་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།