དབྱི་ལིང་གིས་སི་རི་ཡཱ་དང་མཉམ་དུ་ཕྱོགས་གཉིས་ཀྱི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་པར་ཕྱི་ཕྱོགས་གྲོས་མོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།
2024.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧཱ་ཅེ་ལཱ་ནེ་ཡིས་ཚེས24ཉིན་བཤད་རྒྱུར། དབྱི་ལིང་གིས་སི་རི་ཡཱ་དང་མཉམ་དུ་ཕྱོགས་གཉིས་ཀྱི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་པར་ཕྱི་ཕྱོགས་གྲོས་མོལ་བྱེད་བཞིན་ཡོད་ཟེར།

དབྱི་ལིང་གི་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མུའུ་ཧཱ་ཅེ་ལཱ་ནེ་ཡིས་གཟའ་འཁོར་རེའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གོང་གི་སྐད་ཆ་དེ་བཤད་པ་རེད། མོས་བཤད་རྒྱུར། གནད་དོན་དེའི་ཐད་ཕྱོགས་གཉིས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

མུའུ་ཧཱ་ཅེ་ལཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་ལ་མཚོན་ན་ཆེས་གལ་ཆེ་བ་ནི་སི་རི་ཡཱ་ལ་སི་རི་ཡཱའི་མི་དམངས་ཀྱིས་བདམས་པའི་སྲིད་གཞུང་ཞིག་ཡོད་པ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་ཡོང་བ་དེ་ཡིན། དེ་ལས་གཞན་འཇིགས་སྐུལ་རིང་ལུགས་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པ་དེ་ཡང་དབྱི་ལིང་དང་དབུས་ཤར་ས་ཁུལ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།