མའོ་ཨར་ཏའོ་ཝའི་ཙུང་ཐུང་སིང་ཏུའུ་ཡིས་ཚེས24ཉིན་མའོ་ཨར་ཏའོ་ཝའི་རྒྱལ་ས་ཅི་ཞེ་ནཱ་ཝུའུ་རུ་ཡོད་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཁོ་མོའི་ཙུང་ཐུང་གི་འགན་ཡུན་གཉིས་པ་དངོས་སུ་མགོ་བརྩམས།
མའོ་ཨར་ཏའོ་ཝ་ཡི་གྲོས་དཔོན་ཀི་ལོ་སུའུ་དང་རྩ་ཁྲིམས་ཁྲིམས་ཁང་གི་ཡོན་ཀྲང་མཱ་ནོའུ་ལའེ་གཉིས་ཀྱི་བདེན་དཔང་འོག སིང་ཏུའུ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་ཡིག་ཆ་བཀོད་པ་རེད།
སིང་ཏུའུ་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ་བཤད་རྒྱུར། རང་གི་འགན་ཡུན་ནང་གཙོ་བོ་ཡོ་རོབ་གླིང་གི་གཞི་གཅིག་ཅན་དང་བདེ་འཇགས། དར་རྒྱས་བཅས་ལ་དོ་སྣང་བྱེད་རྒྱུ་མ་ཟད། སྤྱི་དམངས་ཚང་མ་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་ནང་ཞུགས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
སིང་ཏུའུ་ནི་ད་ལོར་ལོ52ཡིན་པ་དང་། ཉིས་སྟོང་ཉི་ཤུ་ལོར་མའོ་ཨར་ཏའོ་ཝའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཐོག་མར་གྱུར་བ་ཡིན་ལ། ད་ལོའི་ཟླ11པའི་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཡང་བསྐྱར་བདམས་ཐོན་བྱུང་བ་རེད།
སིང་ཏུའུ་ནི1994ལོར་མའོ་ཨར་ཏའོ་ཝའི་དཔལ་འབྱོར་སློབ་གླིང་ནས་མཐར་ཕྱིན་པ་དང་། 2012ལོ་ནས2015ལོའི་བར་མའོ་ཨར་ཏའོ་ཝའི་སློབ་གསོའི་པུའུ་ཀྲང་གི་འགན་ཁུར་བ་ཡིན་ལ། 2019ལོའི་ཟླ6པ་ནས་ཟླ11པའི་བར་མའོ་ཨར་ཏའོ་ཝའི་ཙུང་ལིའི་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།