སི་རི་ཡཱའི་ཕྱོགས་ཁག་སོ་སོས་དྲག་ཆས་ཕྱོགས་ཁག་ཚང་མ་གཏོར་བའི་ཐད་ནས་གྲོས་མཐུན་བཀོད།
2024.12.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

སི་རི་ཡཱའི་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པའི་འགོ་ཁྲིད་པ་ཧྲ་ལཱ་ཡིས་སི་རི་ཡཱའི་དྲག་ཆས་ཕྱོགས་ཁག་གཞན་པའི་འགོ་ཁྲིད་པ་དང་མཉམ་དུ་དྲག་ཆས་ཕྱོགས་ཁག་ཚང་མ་གཏོར་བ་དང་དེ་དག་རྒྱལ་སྲུང་པུའུ་ཡི་ཁོངས་སུ་བསྡུ་བའི་ཐད་ནས་གྲོས་མཐུན་བཀོད་ཡོད་ཟེར།

ཡིན་ཡང་བསྒྲགས་པའི་གནས་ཚུལ་ལས་དོན་དེའི་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད། ཟླ་འདིའི་ཚེས17ཉིན། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པའི་དམག་དོན་འགོ་ཁྲིད་པ་ཧཱ་མཱ་ཝེ་ཡིས་རྩ་འཛུགས་དེས་རང་གི་དྲག་ཆས་ཚོགས་པ་སྔ་མོ་ནས་གཏོར་ཏེ་སི་རི་ཡཱའི་དྲག་ཆས་དམག་དཔུང་གི་གྲས་སུ་འཇོག་རྒྱུ་ཡིན་ཟེར།

ཟླ་འདིའི་ཚེས8ཉིན། སི་རི་ཡཱའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པས་ཏཱ་མཱ་ཧྲི་ཀི་བཅིངས་འགྲོལ་བྱས་ནས་པཱ་ཧྲ་ཨར་གྱི་སྲིད་དབང་རྩ་རྫོགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཧྲ་ལཱ་ཡིས་ཉེ་སྔོན་ཚོགས་ར་མང་བོ་ནས་བསྟན་དོན། དྲག་ཆས་གང་ཡིན་ཡང་རྒྱལ་ཁབ་ཀྱི་ཚོད་འཛིན་ལས་བརྒལ་མི་རུང་བས། ངེས་པར་དུ་དྲག་ཆས་ཕྱོགས་ཁག་ཚང་མ་གཏོར་ནས་རྒྱལ་སྲུང་པུའུ་གསར་བའི་འགོ་ཁྲིད་འོག་གི་གཅིག་གྱུར་དམག་དཔུང་ནང་འཇུག་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།