འཇར་མན་ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚེས25ཉིན་གྱི་དགོང་མོར། འཇར་མན་གྱི་དབུ་བཞུགས་བློན་ཆེན་ཧྲི་པའོ་མའོ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་གཉིས་ཀྱིས་ཁ་པར་གྲོས་མོལ་བྱས། དེ་ནི་ཁོ་གཉིས་ཀྱིས་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་རེད།
བསྒྲགས་པ་ལྟར་ན། དུས་ཡུན་སྐར་མ35ཙམ་གྱི་རིང་ལ་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་དང་འཇར་པན་གྱིས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།