ཐུར་ཁེའི་སློབ་གྲྭའི་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི26ལ་རྨས་ཕོག
2024.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཐུར་ཁེའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས25ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་ནུབ་བྱང་ཕྱོགས་ཀྱི་པཱ་ལེ་ཁི་ཨེ་ཞི་ཨར་ཞིང་ཆེན་དུ་ཚེས25ཉིན་སློབ་གྲྭའི་རླངས་འཁོར་དང་དངོས་སྐྱེལ་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཅིག་བྱུང་སྟེ། ཉུང་མཐར་ཡང་མི26ལ་རྨས་ཕོག་པ་དང་། དེའི་ནང་མི8ཀྱི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་པཱ་ལེ་ཁི་ཨེ་ཞི་ཨར་ཞིང་ཆེན་གྱི་ཕཱ་ཁི་ཁྱིག་གྲོང་རྡལ་ནས་བྱུང་བ་དང་། མི29དྲུད་ཡོད་པའི་སློབ་གྲྭའི་རླངས་འཁོར་ལོག་པ་རེད།

ཞིང་ཆེན་དེའི་ཧྲིན་ཀྲང་ཝུའུ་སི་ཐཱ་ཨོ་ལུའུ་ཡིས་བཤད་རྒྱུར། ས་དེའི་འཕྲོད་བསྟེན་དང་ཉེན་རྟོག འཕྲལ་སྒྲུབ་སྡེ་ཁག་བཅས་ཀྱིས་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་མི་སྣ་མངག་གཏོང་བྱས་ཡོད་པ་དང་། རྨས་ཕོག་པའི་མི་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོ་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།