མའོ་སིང་པུས་ཁིའི་བཙོན་ཁང་ཞིག་ནས་ཟིང་འཁྲུག་བྱུང་སྟེ་མི33རྐྱེན་ལམ་དུ་ཤོར།
2024.12.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

མའོ་སིང་པུས་ཁིའི་ཉེན་རྟོག་པའི་སྤྱི་ཁྱབ་དམག་སྤྱི་ལཱ་ཧྥེ་ཨར་གྱིས་ཚེས25ཉིན་གྱི་དགོང་མོར་སྨྱན་བྱད་ལ་བསྟན་དོན། མའོ་སིང་པུས་ཁིའི་རྒྱལ་ས་མཱ་ཕུའུ་ཐའོ་ཡི་བཙོན་ཁང་ཞིག་ཏུ་ཉིན་དེར་ཟིང་འཁྲུག་བྱུང་སྟེ། མི33རྐྱེན་ལམ་དུ་ཤོར་བ་དང་། མི15ལ་རྨས་ཕོག་ཡོད་ཟེར།

ལཱ་ཧྥེ་ཨར་གྱིས་བསྟན་དོན། ཟིང་འཁྲུག་དེ་ལས་བཙོན་མ་སྟོང་གཅིག་དང་ལྔ་བརྒྱ་ཙམ་བྲོས་བྱོལ་བྱས་པ་དང་། དེའི་ནང་མི150ཕྱིར་འཛིན་བཟུང་བྱས་ཡོད་ལ། ཤི་རྨས་ཐེབས་མཁན་གྱི་ཐོབ་ཐང་ལ་ངོས་འཛིན་བྱེད་བཞིན་ཡོད།

མའོ་སིང་པུས་ཁིའི་ཁྲིམས་འཛིན་པུའུ་ཡི་དཔོན་པོ་ཐའོ་ནེ་ལཱ་ཡིས་སྨྱན་བྱད་ལ་བཤད་རྒྱུར། དོན་རྐྱེན་བྱུང་བའི་བཙོན་ཁང་དེ་མཱ་ཕུའུ་ཐའོ་གྲོང་ཁྱེར་ལྟེ་གནས་བར་སྤྱི་ལེ14ཙམ་ཡོད་པ་དང་། དེའི་ནང་བཙོན་མ་སྟོང་ཕྲག་འགའ་བཀག་འཇུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།