ཨ་སེ་པེད་ཅང་གིས་རྒྱལ་ཡོངས་ནས་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་ཏེ་ཨ་སེ་པེད་ཅང་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་ཀྱི་འདས་པོར་མྱ་ངན་ཞུས།
མྱ་ངན་ཞུ་བའི་དུས་ཚོད་ནི་ཉིན་དེའི་ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་ཡིན་པ་དང་། རྒྱལ་ཡོངས་ནས་སྐར་མ་གཅིག་རིང་མྱ་ངན་ཞུས། རྒྱལ་ས་པཱ་ཁུའུ་དང་མངའ་སྡེ་སོ་སོས་དར་ཆ་ཕྱེད་ཙམ་མར་ཕབ་པ་དང་། ལམ་སྟེང་གི་རླངས་འཁོར་ཚང་མ་བགྲོད་མཚམས་བཞག་ནས་མྱ་ངན་ཞུས།
ཚེས་ཉེར་ལྔ་ཉིན་ཨ་སེ་པེད་ཅང་གི་པཱ་ཁུའུ་ནས་ཨུ་རུ་སིའི་ཀི་ལོ་ཙི་ནེ་རུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧཱ་སག་སི་ཐན་ནུབ་ཕྱོགས་ཀྱི་ཨ་ཁི་ཐའོ་གྲོང་ཁྱེར་ཉེ་འདབས་སུ་སར་ལྷུང་བ་དང་། གནམ་གྲུའི་སྟེང་དུ་བསྡོམས་པས་འགྲུལ་བ62དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་ལྔ་ཡོད་ལ། དེའི་ནང་མི38རྐྱེན་ལམ་དུ་ཤོར་བ་རེད།
ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་ཚེས25ཉིན་བཀའ་རྒྱ་བཀོད་དེ། ཚེས26ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོ་ཡིན་པ་ཁྱབ་བསྒྲགས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།