དབྱི་སི་རལ་གྱི་དམག་དཔུང་གིས་ཡེ་མིན་གྱི་དམིགས་འབེན་མང་བོར་ཆམ་ཕབ་བཏང་བ་བདེན་དཔང་བྱས།
2024.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་དམག་དོན་དམིགས་འབེན་མང་བོར་གསང་འཕྲིན་ལ་གཞིགས་ནས་ཆམ་ཕབ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པས་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་གློག་འདོན་ས་ཚིགས་གཉིས་ཀྱི་དམག་དོན་རྟེན་གཞིའི་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་བཏང་བ་དང་། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཡེ་མིན་ནུབ་ཕྱོགས་མཚོ་འགྲམ་གྱི་ཧི་ཐེ་ཏཱ་གྲུ་ཁ་དང་སེ་ལེ་ཧྥུའུ་གྲུ་ཁ་སོགས་ཀྱི་དམག་དོན་སྒྲིག་ཆས་ལ་ཆམ་ཕབ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།