ཨུ་རུ་སི་ཡིས་ནོར་ཝེའི་གྲུ་གཟིངས་ཀྱིས་ཉེན་ཁར་འཕྲད་པའི་ཨུ་རུ་སིའི་ཟོང་འདྲུད་གྲུ་གཟིངས་ལ་རོགས་སྐྱོར་མ་བྱས་པར་རྒོལ་གཏམ་བཏང་།
2024.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས27ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་ནོར་ཝེའི་གྲུ་གཟིངས་ཀྱིས་ས་དཀྱིལ་མཚོ་ཁོངས་ནས་ཉེན་ཁར་འཕྲད་པའི་ཨུ་རུ་སིའི་ཟོང་འདྲུད་གྲུ་གཟིངས་སྟེང་གི་གྲུ་བར་རོགས་སྐྱོར་མ་བྱས་པའི་བྱ་སྤྱོད་དེར་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་ནི་བཟོད་བསྲན་བྱེད་ཐབས་མེད་པ་ཞིག་རེད་ཟེར།

ཉིན་དེའི་སྔ་དྲོར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ནོར་ཝེའི་གྲུ་གཟིངས་ཤིག་གིས་ས་དཀྱིལ་མཚོ་ཁོངས་ནས་ཉེན་ཁར་འཕྲད་པའི་ཨུ་རུ་སིའི་ཟོང་འདྲུད་གྲུ་གཟིངས་སྟེང་གི་གྲུ་བར་རོགས་སྐྱོར་མ་བྱས་པ་དང་། དེའི་རྒྱུ་མཚན་གསལ་བོར་མི་ཤེས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།