ཕུའུ་ཅིན་དང་ཨ་ལེ་ཡེ་ཧྥུའུ་གཉིས་ཀྱིས་ཡང་བསྐྱར་ཁ་པར་གྲོས་མོལ་བྱས་ཏེ་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་གྲོས་བསྡུར་བྱས།
2024.12.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས29ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ལ་ཁ་པར་བཏང་སྟེ། མུ་མཐུད་དུ་ཨ་སེ་པེད་ཅང་གི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱས།

བསྒྲགས་པའི་གནས་ཚུལ་ལས་ཕྱོགས་གཉིས་ཀྱིས་གྲོས་བསྡུར་བྱེད་པའི་བྱེ་བྲག་གི་ནང་དོན་གསལ་བོར་བཤད་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།