མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས29ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཁཱ་ཐི་སྐུ་གཤེགས་པར་མྱ་ངན་ཞུས།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཁཱ་ཐིའི་མགོ་ཁྲིད་འཇོན་ནུས་ལས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཅིང་། ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཏའེ་ཝེ་སྒར་སའི་གྲོས་མཐུན་དང་དུས་རིམ་གཉིས་པའི་འཐབ་ཇུས་མཚོན་ཆར་ཚོད་འཛིན་བྱེད་པའི་ཆིངས་ཡིག དེ་མིན་ཕཱ་ནཱ་མཱའི་མིས་བཟོས་གཙང་བོའི་ཆིངས་ཡིག་བཅས་འདུས། ཁཱ་ཐི་ཡིས་ལས་འགན་བསྐྱུར་རྗེས་སྔར་བཞིན་རྒྱལ་སྤྱིའི་ཞི་བདེ་དང་འགྲོ་མིའི་ཐོབ་ཐང་གི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་ཟེར།
སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལེ་མིན་དབྱང་གིས་ཀྱང་ཉིན་དེར་དྲ་ཚིགས་བརྒྱུད་དེ་ཁཱ་ཐི་སྐུ་གཤེགས་པར་ཡིད་སྐྱོ་བའི་ཚུལ་བསྟན་པ་དང་། ཁཱ་ཐི་ནི་ཆབ་སྲིད་པ་ཞིག་དང་མི་ཆོས་རིང་ལུགས་པ་ཞིག ཞི་བདེ་དར་སྤེལ་མཁན་ཞིག་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།