ཧན་གོའི་ཙུང་ཐུང་ཚབ་མས་རྒྱལ་ཁབ་སྔར་མེད་ཀྱི་ཛ་དྲག་གི་གནས་བབ་ལ་འཕྲད་ཡོད་པའི་ཚུལ་བསྟན།
2025.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཧན་གོའི་ཙུང་ཐུང་ཚབ་མ་ཚོས་ཞང་མུའུ་ཡིས་ཟླ12པའི་ཚེས31ཉིན་ལོ་གསར་གྱི་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཧན་གོ་སྔར་མེད་ཀྱི་ཛ་དྲག་གི་གནས་བབ་ལ་འཕྲད་ཡོད་པ་དང་། སྲིད་གཞུང་གིས་ནུས་ཤུགས་གང་ཡོད་ཀྱིས་རྒྱལ་སྲིད་གཏན་འཇགས་ཡོང་བར་བྱེད་རྒྱུ་ཡིན་ཟེར།

ཚོས་ཞང་མུའུ་ཡིས་བཤད་རྒྱུར། སྲིད་གཞུང་གིས་རྒྱལ་ཚོགས་དང་སྲིད་དབང་བཟུང་ཡོད་པའམ་མེད་པའི་སྲིད་ཏང་སོགས་ཀྱི་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱེད་རྒྱུ་ཡིན་པ་དང་། མིག་སྔའི་དཀའ་གནད་མང་བོ་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། སྲིད་གཞུང་གིས་གང་ནུས་ཀྱིས་རྒྱལ་སྲུང་དང་ཕྱི་འབྲེལ། དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་སོ་སོའི་གཏན་འཇགས་སྲིད་སྐྱོང་བྱས་ཏེ། མང་ཚོགས་ཀྱི་སེམས་བདེ་རུ་འཇུག་རྒྱུ་ཡིན་ཟེར།

ཚོས་ཞང་མུའུ་ཡིས་བསྟན་དོན། རྒྱལ་ཁབ་གཙོ་བོའི་བར་འབྲེལ་འདྲིས་ཟབ་མོ་བྱས་ནས་ཧན་གོའི་རྒྱལ་ཁབ་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། སྲིད་གཞུང་གིས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་དངུལ་ལོར་དང་ཕྱི་དངུལ་ཚོང་ར་གཏན་འཇགས་ཡོང་བར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།