ཐུ་ནི་ཞི་ཡཱའི་སྲིད་གཞུང་གིས་ཟླ12པའི་ཚེས30ཉིན་གྱི་དགོང་མོར་སྤྱི་སྒྲོག་སྤེལ་ཏེ། ཙུང་ཐུང་སེ་དབྱེ་ཏི་ཡིས་ཉིན་དེར2024ལོའི་ལོ་མཇུག་ཏུ་ཡུན་ཚད་ལོངས་པའི་བྲེལ་མྱུར་རྣམ་པའི་ཡུན་ཚད2025ལོའི་ཟླ་དང་པོའི་ཚེས31ཉིན་བར་རྒྱུན་བསྲིངས་རྒྱུ་ཐག་བཅད།
2015ལོའི་ཟླ11པའི་ཚེས24ཉིན། ཐུ་ནི་ཞི་ཡཱའི་རྒྱལ་ས་ཐུ་ནི་ཞི་ཡཱ་གྲོང་ཁྱེར་ལྟེ་གནས་ཀྱི་ཙུང་ཐུང་གི་ཉེན་སྲུང་རུ་ཁག་གི་རླངས་འཁོར་ཞིག་ལ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ་བདེ་འཇགས་མི་སྣ12རྐྱེན་ལམ་དུ་ཤོར། ཐུ་ནི་ཞི་ཡཱ་རྒྱལ་ཡོངས་སུ་བྲེལ་མྱུར་རྣམ་པ་ལག་བསྟར་བྱས་པ་དང་། རྒྱལ་སའི་ཁྱབ་ཁོངས་ནང་སྐབས་ཤིག་ལ་མཚན་མགྲོན་འགོག་པའི་བྱེད་ཐབས་ལག་བསྟར་བྱས་ཡོད།
ལོ་དེར་བྲེལ་མྱུར་རྣམ་པའི་བྱེད་ཐབས་ལག་བསྟར་བྱས་རྗེས། སྐབས་རིམ་བྱུང་གི་ཐུ་ནི་ཞི་ཡཱའི་ཙུང་ཐུང་གིས་ནམ་རྒྱུན་བྲེལ་མྱུར་རྣམ་པ་རྒྱུན་འཁྱོངས་བྱས་ནས། ད་ལྟའི་བར་རྩིས་མེད་དུ་བཏང་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།