ཚེས3ཉིན་གྱི་སྔ་དྲོར།ཧན་གོའི་མཐོ་རིམ་གཞུང་ཞབས་མི་སྣའི་ཉེས་གསོག་བརྟག་དཔྱད་ཁྲུའུ(སྤྱིའི་འདུམ་སྒྲིག་ཁྲུའུ)ཧྲོའུ་ཨར་ལུང་ཧྲན་ཁུལ་ཧན་ནན་ཏུང་དུ་ཡོད་པའི་ཙུང་ཐུང་བཞུགས་སྒར་དུ་འབྱོར་ནས།ལས་གནས་མཚམས་འཇོག་བྱས་པའི་ཙུང་ཐུང་དབྱིན་ཞི་ཡུའེ་འཛིན་བཟུང་བྱེད་པའི་བཀའ་རྒྱ་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།
སྤྱི་པའི་འདུམ་སྒྲིག་ཁྲུའུ་ཡི་མི་སྣ་ཙུང་ཐུང་གི་བཞུགས་སྒར་དུ་འགྲོ་སྐབས།དབྱིན་ཞི་ཡུའེ་ལ་རྒྱབ་སྐྱོར་བྱེད་མཁན་དང་ཙུང་ཐུང་ཉེན་སྲུང་ཁྲུའུ་ཡི་བཀག་འགོག་ཐེབས་ནས་མིག་སྔར་ཙུང་ཐུང་གི་བཞུགས་སྒར་ནང་དུ་ཐོན་མེད།
ཤེས་རྟོགས་བྱུང་བ་བ་ལྟར་ན།ཉེན་རྟོག་ཕྱོགས་ཀྱིས་ཙུང་ཐུང་གི་བཞུགས་སྒར་ཉེ་འགྲམ་དུ་ཉེན་རྟོག་པ2800ལྷག་ཙམ་བཀོད་སྒྲིག་བྱས་ནས།དབྱིན་ཞི་ཡུའེ་འཛིན་བཟུང་བྱེད་པའི་བརྒྱུད་རིམ་ཁྲོད་གདོང་ཐུག་དོན་རྐྱེན་མི་འབྱུང་བ་བྱ་རྒྱུ་རེད།
2024ལོའི་ཟླ12པའི་ཚེས31ཉིན།ཧན་གོའི་ཧྲོའུ་ཨར་ནུབ་རྒྱུད་ས་གནས་ཁྲིམས་ཁང་གིས་ནང་འཁྲུག་སློང་བ་དང་འགན་དབང་གང་བྱུང་དུ་སྤྱད་པར་དོགས་པ་ཡོད་པའི་རྒྱུ་མཚན་གྱིས་དབྱིན་ཞི་ཡུའེ་འཛིན་བཟུང་བྱེད་པའི་བཀའ་རྒྱ་ཁྱབ་བསྒྲགས་བྱས་པ་དང་། དེ་དང་མཉམ་དུ་ཙུང་ཐུང་གི་བཞུགས་སྒར་ལ་སྔོག་བཤེར་བྱེད་པའི་བཀའ་རྒྱ་ཁྱབ་བསྒྲགས་བྱས་པ་རེད། དེ་ནི་ཧན་གོའི་རྩ་ཁྲིམས་ཀྱི་ལོ་རྒྱུས་སྟེང་དུ་ཙུང་ཐུང་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་བ་ཐེངས་དང་པོ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།