ཀྲི་ལིའི་བྱང་རྒྱུད་དུ་ཚད་རིམ6.1གི་ས་ཡོམ་བྱུང་།
2025.01.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཀྲི་ལིའི་སློབ་ཆེན་རྒྱལ་ཡོངས་ས་ཡོམ་ལྟེ་གནས་ནས་སྤེལ་བའི་གནས་ཚུལ་ལྟར་ན།ཚེས2ཉིན། ཀྲི་ལིའི་བྱང་རྒྱུད་ཨན་ཐུའོ་ཧྥ་ཅ་སི་ཐ་ས་ཁུལ་ཆེན་པོར་ཚད་རིམ6.1གི་ས་ཡོམ་བྱུང་བ་དང་མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་འབྱོར་མེད།

གནས་ཚུལ་སྤེལ་བའི་ནང་ས་ཡོམ་དེ་ས་གནས་དེའི་དུས་ཚོད་ཚེས2ཉིན་གྱི་དུས་ཚོད17དང་སྐར་མ43སྟེང(པེ་ཅིང་གི་དུས་ཚོད་ཚེས3ཉིན་གྱི་དུས་ཚོད4དང་སྐར་མ43)བྱུང་བ་དང་།ཡོམ་ལྟེ་ནི་ཨན་ཐུའོ་ཧྥ་ཅ་སི་ཐ་ས་ཁུལ་ཆེན་པོའི་ཅི་ཡ་ཀྭ་ཤར་ཕྱོགས་ཀྱི་སྤྱི་ལེ56གི་མཚམས་ཡིན་པ་དང་།ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ94ཡོད་པ་རེད།

ཀྲི་ལིའི་མཚོ་དམག་དང་རྒྱ་མཚོ་ཅུའུ་ཡི་མཚོ་ཡོམ་སྔོན་བརྡ་སྡེ་ཁག་གིས་བཤད་རྒྱུར།ཐེངས་འདིའི་ས་ཡོམ་གྱིས་མཚོ་ཡོམ་འབྱུང་མི་སྲིད་ཟེར།

ཀྲི་ལི་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཐའ་འཁོར་གྱི་ས་ཡོམ་ཁུལ་དུ་གནས་པས་ས་ཡོམ་བྱུང་ཚད་ཅུང་མཐོ་བ་རེད། 

གཡང་འབུམ་རྒྱལ་གྱིས་བསྒྱུར།