ཚེས3ཉིན། ཧན་གོའི“ཐུན་མོང་བརྟག་དཔྱད་པུའུ”ཡིས་ཙུང་ཐུང་ཉེན་སྲུང་ཁྲུའུ་ཀྲང་དང་ཉེན་སྲུང་ཀྲང་གཞོན་པས་དམིགས་བསལ་གྱི་གཞུང་དོན་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་པའི་དོགས་གཞི་ཡོད་པ་རྒྱུ་མཚན་དུ་བྱས་ནས་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ་རེད།
“ཐུན་མོང་བརྟག་དཔྱད་པུའུ”ཡིས་ཉིན་དེར་ལས་གནས་མཚམས་བཞག་པའི་ཙུང་ཐུང་དབྱིན་ཞི་ཡུའེ་འཛིན་བཟུང་བྱེད་པའི་བཀའ་རྒྱ་ལག་བསྟར་བྱེད་འགོ་བརྩམས་ཡོད་མོད། འོན་ཀྱང་ཙུང་ཐུང་ཉེན་སྲུང་ཁྲུའུ་ཡིས་གཞུང་དོན་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་པ་སོགས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ལག་བསྟར་བྱེད་མ་ཐུབ་པར་བརྟེན། ཉེན་སྲུང་ཁྲུའུ་ཡི་འབྲེལ་ཡོད་མི་སྣར་གྱོད་དོན་ཐོ་འགོད་བྱས་ནས་ཙུང་ཐུང་ཉེན་སྲུང་ཁྲུའུ་ཀྲང་དང་ཉེན་སྲུང་ཀྲང་གཞོན་པས་ཚེས4ཉིན་བརྟག་དཔྱད་དང་ལེན་བྱེད་དགོས་པའི་རེ་བ་བཏོན་པ་རེད།
ཚེས3ཉིན་གྱི་སྔ་དྲོ། ཧན་གོའི་མཐོ་རིམ་གཞུང་ཞབས་མི་སྣའི་ཉེས་གསོག་བརྟག་དཔྱད་ཁྲུའུ(སྤྱི་པའི་འདུམ་སྒྲིག་ཁྲུའུ)ཧྲོ་ཨར་ལུང་ཧྲན་ས་ཁུལ་ཧན་ནན་ཏུང་དུ་ཡོད་པའི་ཙུང་ཐུང་གི་བཞུགས་སྒར་དུ་སོང་སྟེ། དབྱིན་ཞི་ཡུའེ་འཛིན་བཟུང་བྱེད་པའི་བཀའ་རྒྱ་ལག་བསྟར་བྱེད་འགོ་བརྩམས་པ་རེད། “ཐུན་མོང་བརྟག་དཔྱད་པུའུ”ཡིས་ཉིན་དེའི་ཕྱི་དྲོར་གསལ་བསྒྲགས་སྤེལ་ནས། མུ་མཐུད་དུ་ཁ་གཏད་བྱས་པར་བརྟེན་མིག་སྔར་དོན་དངོས་གྱིས་འཛིན་བཟུང་བཀའ་རྒྱ་ལག་བསྟར་བྱེད་ཐབས་བྲལ་བ་དང་། ཡུལ་དངོས་ཀྱི་མི་སྣའི་བདེ་འཇགས་ལ་བསམ་གཞིག་བཏང་ནས་ས་གནས་དེའི་དུས་ཚོད13དང་སྐར་མ30ཡས་མས་སུ་འཛིན་བཟུང་བྱེད་མཚམས་འཇོག་རྒྱུ་ཡིན་ཞེས་བཤད།
“ཐུན་མོང་བརྟག་དཔྱད་པུའུ”ནི་ཧན་གོའི་ཉེན་རྟོག་ཐིང་དང་སྤྱི་འདུམ་ཁྲུའུ། རྒྱལ་སྲུང་པུའུ་བཅས་ཀྱིས་མཉམ་འབྲེལ་གྱིས་བཙུགས་པ་ཞིག་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།