ས་ཨར་ཝ་ཏའོ་ལྷོ་རྒྱུད་མཚོ་ཁོངས་སུ་ཚད་རིམ6.3གྱི་ས་ཡོམ་བྱུང་།
2025.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཧྲེང་ས་ཨར་ཝ་ཏའོ་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས5ཉིན།  ས་ཨར་ཝ་ཏའོ་ཁོར་ཡུག་སྡེ་ཁག་གིས་སྤྱི་ཚོགས་སྨྱན་བྱད་སྟེང་གནས་ཚུལ་སྤེལ་ནས། རྒྱལ་ཁབ་དེའི་ལྷོ་རྒྱུད་མཚོ་ཁོངས་སུ་ཉིན་དེར་ཚད་རིམ6.3གྱི་ས་ཡོམ་བྱུང་ཞིང་།  མིག་སྔར་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་འབྱོར་མེད་ཟེར།

གནས་ཚུལ་སྤེལ་བ་ལས་ས་ཡོམ་དེ་ས་དེའི་དུས་ཚོད་ཚེས5ཉིན་གྱི་དུས་ཚོད11དང་སྐར་མ18(པེ་ཅིང་གི་དུས་ཚོད་ཚེས6ཉིན་གྱི་དུས་ཚོད1དང་སྐར་མ18)སྟེང་བྱུང་བ་དང་། ས་ཡོམ་གྱི་ལྟེ་གནས་ནི་ལྷོ་རྒྱུད་ལ་ལི་པོ་ཐ་ཏེ་ཞིང་ཆེན་གྱི་ཉི་མའི་མཚོ་འགྲམ་ལྷོ་རྒྱུད་ཀྱི་སྤྱི་ལེ29ཡི་མཚོ་ཁོངས་ཡིན་པ་དང་།   ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ33ཡོད་པ་རེད།  ས་ཨར་ཝ་ཏའོ་དམངས་སྤྱོད་འགོག་སྲུང་སྡེ་ཁག་གིས་ས་ཡོམ་རྗེས་ཀྱི་ཞིབ་བཤེར་བྱ་བ་སྤེལ་མགོ་བརྩམས་ཡོད་པ་རེད།

གཞན་ཡང་ཨ་རིའི་ས་གཤིས་བརྟག་དཔྱད་ཅུའུ་ཡི་ས་ཡོམ་ཆ་འཕྲིན་དྲ་བའི་གནས་ཚུལ་ལྟར་ན།  ཐེངས་འདིའི་ས་ཡོམ་གྱི་ཚད་རིམ6.2ཡིན་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ50ཙམ་ཡོད་ཟེར།  

གཡང་འབུམ་རྒྱལ་གྱིས་བསྒྱུར།