ཚེས4ཉིན། ཨུ་རི་སིའི་རྒྱལ་སྲུང་པུའུ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རི་སིའི་དམག་དཔུང་གིས་ལུའུ་ཀན་སི་ཁི་ས་ཁུལ་དུ་སྡོད་དམངས་ཀྱི་གནས་ཡུལ་གསར་པ་ཞིག་ཚོད་འཛིན་བྱས། ཨུ་རི་སིའི་དམག་དཔུང་གི་མཁའ་ཟོན་མ་ལག་གིས་ཝུའུ་ཁི་ལན་དམག་དཔུང་གིས་འཕངས་པའི་ཨ་རིས་བཟོས་པའི་སྐམ་དམག་འཐབ་རྩལ་འཕུར་མདེལ8བཀག་འགོག་བྱས་པ་དང་མི་མེད་གནམ་གྲུ72གཏོར། ཨུ་རི་སིའི་དམག་དཔུང་གིས་ད་དུང་ཝུའུ་ཁི་ལན་གྱི་དམག་སྤྱོད་གནམ་གྲུ་ཐང་དང་། མི་མེད་གནམ་གྲུ་སྒྲིག་སྦྱོར་འཁོར་ཁང་། མཛོད་ཁང་བཅས་མང་པོ་ཞིག་ལ་འགས་གཏོར་བཏང་།
ཉིན་དེར་ཝུའུ་ཁི་ལན་ཕྱོགས་ཀྱིས་བཤད་རྒྱུར། འཐབ་ཕྱོགས་དང་པོ་རུ་འཐབ་འཛིང་ཐེངས107བྱུང་བ་དང་། ཝུའུ་ཁི་ལན་གྱི་དམག་གིས་ཧ་ཨར་ཁི་ཧྥུའུ་དང་། པོ་ཁི་ལུའོ་ཧྥུའུ་སི་ཁི། ཁུའུ་ལ་ཧོ་ཝོ་སོགས་ཀྱི་ཕྱོགས་སུ་ཨུ་རི་སིའི་དམག་དཔུང་ཚུར་འཛུལ་བར་ཕར་རྒོལ་བྱས།
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱིས་ཨུ་རི་སི་དང་ཝུའུ་ཁི་ལན་བར་གདོང་ཐུག་མ་བྱུང་གོང་ཝུའུ་ཁི་ལན་ལ་མཚོན་ཆ་འབོར་ཆེན་འདོན་སྤྲོད་བྱས་པ་དང་། ཨུ་རི་སིས་དམིགས་བསལ་གྱི་དམག་དོན་བྱ་སྤྱོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཁག་ཐེག་བྱ་ཆེད་ཡིན་ཟེར།
ཚེས4ཉིན། ཨ་མེ་རི་ཁའི་སྨྱད་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁིན་གྱིས་ཨ་མེ་རི་ཁའི་སྨྱན་བྱད་ཀྱི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རི་སི་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མ་བྱུང་སྔོན་གྱི་ཟླ་བ་ཁ་ཤས་ནང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ལྐོག་ཏུ་ཝུའུ་ཁི་ལན་ལ་མཚོན་ཆ་འབོར་ཆེན་འདོན་སྤྲོད་བྱས། ཨུ་རི་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལའོ་ཝ་ཡིས་དེའི་ཐད་ལན་བརྒྱབ་སྟེ། ཨུ་རི་སིས་དམིགས་བསལ་གྱི་དམག་དོན་བྱ་སྤྱོད་ལག་བསྟར་བྱས་ནས་ཝུའུ་ཁི་ལན་གྱི་དམག་དོན་ཅན་མེད་པར་བཟོ་བ་དང་། ཨུ་རི་སིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པ་སོགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཀྱིན་ཡོད་ཟེར།
ཤ་བོ་རིན་མཚོས་བསྒྱུར།