ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཧྲ་ལོན་པེ་ཀི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱས།
2025.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན་གྱིས་ཚེས10ཉིན་ཕྱི་འབྲེལ་བློན་ཆེན་ཧྲ་ལོན་པེ་ཀི་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་གསར་བར་བསྐོ་འཇོག་བྱས།

ཧྥན་ཏི་པེ་ལོན་གྱིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་མཛད་སྒོ་སྤེལ་ཏེ་ཧྲ་ལོན་པེ་ཀི་ལ་བསྐོ་འཇོག་ཡི་གེ་བྱིན་ནས། དེའི་སྔོན་ལས་ཁུར་དགོངས་ཞུ་བྱེད་པར་ཁྱབ་བསྒྲགས་བྱས་པའི་ཙུང་ལི་ནེ་ཧཱ་མའོ་ཡི་ཚབ་བྱེད་དུ་བཅུག

དེ་ནི་ཧྲ་ལོན་པེ་ཀི་ཡིས་ཐེངས་གཉིས་པར་ཨོ་སི་ཁྲུ་རི་ཡཱའི་ཙུང་ལིའི་འགན་ཁུར་བ་ཡིན་ལ། ཁོས་ད་རུང་ཕྱི་འབྲེལ་བློན་ཆེན་གྱི་འགན་ཞོར་དུ་ཁུར་ཡོད། ཁོས་སྐབས་གསར་བའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་རག་བར་དུ་ལྟ་སྐྱོང་སྲིད་གཞུང་ལ་མགོ་ཁྲིད་བྱེད་རྒྱུ་རེད།

ཧྲ་ལོན་པེ་ཀི་ཡིས་ཚེས7ཉིན་བསྟན་དོན། གལ་ཏེ་ཁོ་ཡོད་སའི་མི་དམངས་ཏང་དང་ཅི་ཁི་ཨར་གྱིས་མགོ་ཁྲིད་པའི་རང་དབང་ཏང་གིས་མཉམ་འབྲེལ་གྱིས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱས་ན། ཁོས་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་རྒྱུ་མིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།