ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དཀར་པོ་དང་ཨུ་རུ་སིའི་ཕན་ཚུན་གྱི་ལམ་ཡིག་ཁས་ལེན་པའི་གྲོས་མཐུན་དེ་ཚེས11ཉིན་ནས་བཟུང་ནུས་ལྡན་དུ་གྱུར་བ་རེད།
གྲོས་མཐུན་ལྟར་ན། རྒྱལ་ཁབ་གཉིས་གང་རུང་གི་ལམ་ཡིག་ཡོད་པའམ་རྒྱལ་ཁབ་གཉིས་ཀྱིས་ཁས་ལེན་པའི་ཐོབ་ཐང་དབང་ཡིག་ཡོད་པའི་ཕྱི་རྒྱལ་གྱི་སྤྱི་དམངས་དང་རྒྱལ་ཁོངས་མེད་པའི་མི་སྣ་དག་ལམ་ཡིག་ནུས་ལྡན་པའི་ཡུན་ཚད་ནང་རྒྱལ་ཁོངས་ནས་འགྲོ་འོང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་སུ་འགྲོ་འདུག་བྱེད་པའི་དབང་ཆ་ཡོད་ཟེར།
ཡིན་ཡང་གྲོས་མཐུན་ལས་གཏན་འཁེལ་བྱས་དོན། གལ་ཏེ་རྒྱལ་ཁབ་གཉིས་ཀྱི་གང་རུང་གིས་རྒྱལ་སྤྱིའི་ཆིངས་ཡིག་གཞིར་བཟུང་ནས་ཕྱི་རྒྱལ་གྱི་སྤྱི་དམངས་དང་རྒྱལ་ཁོངས་མེད་པའི་མི་སྣར་ལམ་ཡིག་མི་དགོས་པར་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ན། ཐོབ་ཐང་དབང་ཡིག་ལས་གཞན་ད་རུང་ཕྱོགས་གཞན་པའི་ལམ་ཡིག་བཟུང་ན་ད་གཟོད་རྒྱལ་ཁབ་གཞན་པར་འགྲོ་འདུག་བྱས་ཆོག་པ་རེད།
རྒྱལ་ཁབ་གཅིག་གི་གནས་སྐབས་ཀྱི་འཚོ་སྡོད་དཔང་ཡིག་དང་ཡུན་རིང་གི་འཚོ་སྡོད་དཔང་ཡིག་བཟུང་ཡོད་པ་དང་། ཡང་ན་རྒྱལ་སྤྱིའི་བྱ་འགུལ་ལ་ཞུགས་པའི་དཔང་ཡིག་དང་ཐོབ་ཐང་དཔང་ཡིག་བཟུང་བའི་ཕྱི་རྒྱལ་གྱི་སྤྱི་དམངས་དང་རྒྱལ་ཁོངས་མེད་པའི་མི་སྣ་དག་གོང་སྨྲས་ཀྱི་དཔ་ཡིག་གི་ནུས་ཡུན་ནང་ལམ་ཡིག་མེད་པར་རྒྱལ་ཁོངས་གཞན་པར་འགྲོ་འོང་བྱེད་པའི་དབང་ཆ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།