ཏན་མག་སྲིད་གཞུང་གིས་ཐི་ལིང་ཕུའུ་ཚོགས་ཁག་དང་མཉམ་དུ་ཨ་མེ་རི་ཁའི་ཀི་ལིན་ལན་གླིང་ཕྲན་ཐད་ཀྱི་རེ་འདོད་ལ་གྲོས་བསྡུར་བྱེད་པར་འཐད་པ་ཡིན་པའི་ཚུལ་བསྟན།
2025.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཨ་མེ་རི་ཁའི་གསར་འགྱུར་དྲ་ཚིགས་ཨ་ཁི་ཞི་ཨོ་སི་ཡིས་ཚེས11ཉིན་བསྒྲགས་པ་ལྟར་ན། ཏན་མག་སྲིད་གཞུང་གིས་སྒེར་གྱི་ཐབས་ལ་བརྟེན་ནས་ཨ་མེ་རི་ཁའི་འགན་ཁུར་བར་སྒུག་པའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཚོགས་ཁག་ལ་བརྡ་བཏང་སྟེ། ཀི་ལིན་ལན་གླིང་ཕྲན་གྱི་བདེ་འཇགས་ལ་ཤུགས་སྣོན་པ་དང་ཨ་མེ་རི་ཁའི་གླིང་ཕྲན་དེའི་དམག་དོན་བཀོད་སྒྲིག་ཇེ་མང་དུ་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད་པའི་ཚུལ་བསྟན་ཡང་། ཀི་ལིན་ལན་གླིང་ཕྲན་དེ་ཨ་མེ་རི་ཁར་ཕྱིར་འཚོང་བྱེད་པར་ཁས་ལེན་བྱེད་མི་སྲིད་ཟེར།

མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། ཏན་མག་སྲིད་གཞུང་གིས་མི་འགྱངས་པར་ལས་འགན་ཁུར་རྒྱུ་ཡིན་པའི་ཐི་ལིང་ཕུའུ་སྲིད་གཞུང་བར་མངོན་སུམ་དུ་འགལ་བ་འབྱུང་བར་སྔོན་འགོག་བྱེད་འདོད་ཡོད་པ་དང་། ཐི་ལིང་ཕུའུ་སྡེ་ཚོགས་ཀྱིས་ཐི་ལིང་ཕུའུ་ཡིས་དེའི་སྔོན་ཀི་ལིན་ལན་གླིང་ཕྲན་དང་འབྲེལ་བའི་གཏམ་བཤད་རབ་དང་རིམ་པའི་ཡང་དག་པའི་ནང་དོན་དག་འབུར་བྱེད་དགོས་པའི་རེ་བ་བཏོན། ཀི་ལིན་ལན་གླིང་ཕྲན་ཕྱིར་འཚོང་མི་བྱེད་པ་མ་གཏོགས། ཏན་མག་སྲིད་གཞུང་གིས་ཨ་མེ་རི་ཁའི་ཀི་ལིན་ལན་གླིང་ཕྲན་གྱི་རེ་འདོད་གཞན་པའི་ཐད་ནས་ཐི་ལིང་ཕུའུ་ཚོགས་ཁག་བར་གྲོས་བསྡུར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

བསྒྲགས་པ་ལྟར་ན། ཏན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་ཚེས10ཉིན་ཀི་པིན་ཧཱ་ཀིན་ནས་ཀི་ལིན་ལན་གླིང་ཕྲན་རང་སྐྱོང་སྲིད་གཞུང་གི་ཙུང་ལི་ཨེ་ཀི་ཏི་དང་མཉམ་དུ་ཀི་ལིན་ལན་གླིང་ཕྲན་གྱི་གནད་དོན་ལ་གྲོས་བསྡུར་བྱས། ཧྥོ་ལོས་ཙེ་ལི་ཁི་སིན་གྱིས་དེའི་རྗེས་སུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བསྟན་དོན། རང་ཉིད་ཀྱིས་ཐི་ལིང་ཕུའུ་བར་གྲོས་མོལ་བྱེད་པའི་གྲོས་གཞི་བཏོན་ཡོད་ཟེར།

ཨེ་ཀི་ཏི་ཡིས་ཀྱང་ཐི་ལིང་ཕུའུ་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་པ་དང་། ཀི་ལིན་ལན་གླིང་ཕྲན་ནི་ཀི་ལིན་ལན་གྱི་མིའི་ཡིན་ལ། ང་ཚོ་ཏན་མག་གི་མི་བྱེད་འདོད་མེད་ལ། ཨ་མེ་རི་ཁའི་མི་ཡང་བྱེད་འདོད་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།