ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དམངས་སྲུང་སྡེ་ཁག་གི་མགྲིན་ཚབ་པ་པཱ་སཱ་ལེ་ཡིས་ཚེས11ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ས་ཁུལ་མང་བོར་འགས་གཏོང་བཏང་སྟེ་ཉུང་མཐར་ཡང་མི20རྐྱེན་ལམ་དུ་ཤོར་ཟེར།
པཱ་སཱ་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཅེ་པཱ་ལེ་ཡེ་ཡི་ཡུལ་གྱར་བ་བསྡུ་ལེན་བྱེད་སའི་སློབ་གྲྭ་ཞིག་ལ་འགས་གཏོར་བཏང་ནས། བྱིས་པ་གཉིས་དང་བཅས་པའི་མི8རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི30ལ་རྨས་ཕོག་པ་དང་། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲའི་མཁར་ཤར་གྱི་ཅཱ་ཧྲ་ཡེ་ས་ཁུལ་གྱི་ཐོག་ཁང་ཞིག་དང་ནཱ་ཧྥ་ཁི་སྲང་ལམ་དུ་མཉམ་འདུས་བྱེད་པའི་མི་ཚོགས་ལ་འགས་གཏོར་བཏང་སྟེ། བསྡོམས་པས་མི6རྐྱེན་ལམ་དུ་ཤོར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་མཁར་གྱི་ནུབ་ངོས་ཀྱི་མཱ་ལེ་སྡེ་ཁུལ་དུ་འགས་གཏོར་བཏང་སྟེ་མི3རྐྱེན་ལམ་དུ་ཤོར་བ་དང་མི10ལ་རྨས་ཕོག དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ཏའེ་ཨར་པེད་ལཱ་ཧི་གྲོང་ཁྱེར་གྱི་ཡུལ་གྱར་བ་བསྡུ་ལེན་བྱེད་སའི་རས་གུར་ལ་བར་སྣང་འཇབ་རྒོལ་བྱས་ནས་མི3རྐྱེན་ལམ་དུ་ཤོར་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།