ཧྲིན་ཏའོ་མཱེ་དང་ཕུའུ་ལིན་ཞི་པུས་ཀྱི་གསར་དུ་འགན་ཁུར་བའི་ཙུང་ལི་ཡིས་ལས་ཁུར་དགོངས་ཞུ་བྱས།
2025.01.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཧྲིན་ཏའོ་མཱེ་དང་ཕུའུ་ལིན་ཞི་པུས་ཀྱི་གསར་དུ་འགན་ཁུར་བའི་ཙུང་ལི་ཨ་མཱ་ཏའོ་ཝ་སི་ཡིས་ཚེས12ཉིན་ཙུང་ཐུང་ནོའུ་ཝ་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་པ་དང་། ནོའུ་ཝ་ཡིས་དེའི་རྗེས་སུ་ཨ་མཱ་ཏའོ་ཝ་སིའི་ཙུང་ལིའི་ལས་འགན་བླངས།

ནོའུ་ཝ་ཡིས་བཀོད་པའི་ཙུང་ཐུང་བཀའ་རྒྱ་ལྟར་ན། ཨ་མཱ་ཏའོ་ཝ་སི་ཡིས་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་མཚན་ནི་མོས་སྤྲད་པའི་ནེ་ཀིའི་པུའུ་ཀྲང་གི་མིང་ཐོ་དེ་ཙུང་ཐུང་གིས་མ་ཤེས་གོང་ལ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱས་པས་ཡིན་ལ། ཨ་མཱ་ཏའོ་ཝ་སི་ཡིས་ལས་ཁུར་དགོངས་ཞུའི་ནང་བཤད་རྒྱུར། མིག་སྔའི་གནས་བབ་འོག མོས་མུ་མཐུད་དུ་ཙུང་ལིའི་འགན་ཁུར་ན་སྤྱི་བའི་སྲིད་ཇུས་ལག་བསྟར་བྱེད་པ་དང་རྒྱལ་ཁབ་ཀྱི་འཆམ་མཐུན་དང་ཞི་བདེའི་འཕེལ་རྒྱས་ལ་མི་ཕན་ཟེར།

ཧྲིན་ཏའོ་མཱེ་དང་ཕུའུ་ལིན་ཞི་པུས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་མཱ་ཏའོ་ཝ་སི་ཡིས་ཚེས11ཉིན་ནོའུ་ཝ་ལ་སྐབས་གསར་བའི་ནེ་ཀིའི་པུའུ་ཀྲང་གི་མིང་ཐོ་སྤྲད་པ་དང་། འཕྲིན་ཡིག་དེ་ཉིན་དེར་སྲིད་འཛིན་ཏང་དམངས་གཙོ་སྒེར་ཚུགས་འགུལ་སྐྱོད་ཏང་གིས་སྨྱན་བྱད་ལས་ཁྱབ་བསྒྲགས་བྱས་པ་རེད།

ནོའུ་ཝ་ཡིས་ཚེས9ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཨ་མཱ་ཏའོ་ཝ་སི་ཙུང་ལིར་བསྐོ་འཇོག་བྱས་ནས་ཚེས6ཉིན་ལས་འགན་བླངས་པའི་ཐི་ལོ་ཝ་ཏཱའི་ཚབ་ཏུ་འགན་ཁུར་དུ་བཅུག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།