ཨ་མེ་རི་ཁའི་དང་ཨེ་མེ་ནི་ཡཱ་ཡིས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་འཛུགས་པའི་ཡིག་ཆ་བཀོད།
2025.01.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས15ཉིན་འཚམས་འདྲིར་ཡོང་བའི་ཨེ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་མུས་ཨར་ཙོ་དབྱང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་ཡིག་ཆ་བཀོད།

པུའུ་ལིན་ཁུན་གྱིས་ཉིན་དེར་མུས་ཨར་ཙོ་དབྱང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཡིག་ཆ་འགོད་སྐབས་བཤད་རྒྱུར། འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཨུ་ཡོན་ལྷན་ཁང་དེས་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་རྒྱ་བསྐྱེད་པར་སྒྲོམ་གཞི་འདོན་སྤྲོད་བྱེད་སྲིད་པ་དང་། དཔལ་འབྱོར་དང་བདེ་འཇགས། རྒྱལ་སྲུང་། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད་ཟེར།

པུའུ་ལིན་ཁུན་དང་མུས་ཨར་ཙོ་དབྱང་གིས་ད་རུང་མཉམ་དུ་བསྟན་དོན། ཨ་མེ་རི་ཁ་དང་ཨེ་མེ་ནི་ཡཱ་ཡིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཐད་མཉམ་ལས་སྤེལ་དགོས་ཟེར། དེ་ལས་གཞན་ཨེ་མེ་ནི་ཡཱ་ཡིས་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་ནང་ཞུགས་འདོད་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།