པའོ་ཧེ་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་ཚི་ཝེ་ཡཱ་ནོའུ་ཝེ་ཆི་ཡིས་ཉེ་སྔོན་རྒྱལ་ས་སཱ་ལཱ་རི་བོ་ནས་བསྟན་དོན། པའོ་ཧེ་དང་ཀྲུང་གོའི་འབྲེལ་བ་ནི་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་ཡིན་ཟེར།
ཚི་ཝེ་ཡཱ་ནོའུ་ཝེ་ཆི་ཡིས་ཚེས15ཉིན་གསར་དུ་འགན་ཁུར་བའི་པའོ་ཧེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ཧྥན་གྱིས་རྒྱལ་ཡིག་སྤྲོད་སྐབས་བསྟན་དོན། པའོ་ཧེ་དང་ཀྲུང་གོའི་འབྲེལ་བ་ནི་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེ་ཡིན་ལ། སྔར་ལས་ལྷག་པའི་སྒོག་ནས་ཆབ་སྲིད་དང་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་གསོ་དང་ཡུལ་སྐོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།
ལིས་ཧྥན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་སྣེ་ཁྲིད་འོག ཀྲུང་གོ་དང་པའོ་ཧེ་ཡི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ30འགོར་བ་གོ་སྐབས་སུ་བྱས་ཤིང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་མཉམ་ལས་ཀྱི་རྐྱེན་སྲོལ་འོག ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ལིས་ཧྥན་གྱིས2024ལོའི་ཟླ12པའི་ཚེས31ཉིན་པའོ་ཧེ་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།