ཡོ་རོབ་གླིང་མནའ་འབྲེལ་གྱིས་ལཱ་ཧྥའི་མཐའ་མཚམས་རྒྱུ་ལམ་གྱི་དམངས་དོན་ཆེད་མངག་ཚོགས་པ་སླར་གསོ་བྱེད་པར་གྲ་སྒྲིག་བྱེད་པའི་ཚུལ་བསྟན།
2025.01.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཚེས17ཉིན་བསྟན་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ལཱ་ཧྥའི་མཐའ་མཚམས་རྒྱུ་ལམ་གྱི་དམངས་དོན་ཆེད་མངག་ཚོགས་པ་སླར་གསོ་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཁཱ་ལཱ་ཆི་ཡིས་པུའུ་ལུའུ་སེར་ནས་ཕཱ་ལེ་སི་ཐན་གྱི་ཙུང་ལི་མུའུ་སི་ཐཱ་ཧྥ་ལ་ཐུག་འཕྲད་བྱས་རྗེས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་དམངས་དོན་ཆེད་མངག་ཚོགས་པ་འཛུགས་པའི་གྲོས་མོལ་སླར་གསོ་བྱེད་བཞིན་ཡོད་ཟེར། ཁོ་མོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་ཀྱང་། ཕྱོགས་གཉིས་ཀྱིས་དབྱི་སི་རལ་དང་ཨེ་ཅིབ་གདན་དྲངས་ནས་མཉམ་ལས་གྲོས་མཐུན་འགོད་དགོས་ཟེར།

ལཱ་ཧྥ་རྒྱུ་ལམ་ནི་ཅཱ་ཧྲ་དང་ཨེ་ཅིབ་བར་གྱི་རྒྱུ་ལམ་ཉག་ཅིག་ཡིན་པ་དང་། ཕཱ་ལེ་སི་ཐན་གྱི་དབྱི་སི་རལ་མ་བརྒྱུད་པའི་ཕྱི་ཕྱོགས་ཀྱི་རྒྱུ་ལམ་ཞིག་ཀྱང་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱིས2005ལོར་དམངས་དོན་ཆེད་མངག་ཚོགས་པ་བཙུགས་ཏེ་ལཱ་ཧྥ་རྒྱུ་ལམ་གྱི་ལྟ་ཞིབ་ཚད་འཇལ་ལ་རོགས་འདེགས་བྱས་ཀྱང་། 2007ལོར་ཧཱ་མཱ་སི་ཡིས་ཅཱ་ཧྲ་ཚོད་འཛིན་བྱས་རྗེས། ཆེད་མངག་ཚོགས་པར་ལས་མཚམས་འཇོག་ཏུ་བཅུག་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།