ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨར་པཱ་ནི་སི་ཡིས་ས་དེའི་དགའ་སྟོན་བྱ་འགུལ་ལ་ཞུ་ཚིག་འབུལ་སྐབས་བསྟན་དོན། ལུགས་རྙིང་ལོ་སར་ནི་ཨོ་སི་ཁྲུ་ལི་ཡཱའི་ཆེས་ངོ་མཚར་ལྡན་པའི་རིག་གནས་ཀྱི་དགའ་སྟོན་ཤིག་ཡིན་པ་དང་། རྣམ་པ་སྣ་ཚོགས་ཤིང་གསོན་ཉམས་ལྡན་པའི་དུས་ཆེན་ཅིག་ཡིན་ལ། མཛའ་མཐུན་དང་ཁྱིམ་ཚང་མཚོན་ཡོད་ཟེར།
ཚེས17ཉིན་ཞི་ནེའི་ཀྲུང་གོ་བའི་སྡེ་ཁུལ་གྱིས་སྤེལ་བའི2025ལོའི་ལོ་སར་ལྷན་འཛོམས་དགོང་ཚོགས་སྟེང་། ཨོ་སི་ཁྲུ་ལི་ཡཱའི་གནས་སྤོར་སྡོད་དམངས་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཞི་སི་ཨར་སི་ཝེ་ཐི་ཨར་པཱ་ནེ་སིའི་ཚབ་བྱས་ཏེ་ཞུགས་པ་དང་། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཡིས་དགོང་ཚོགས་ལ་བསྐུར་བའི་རྟེན་འབྲེལ་ཞུ་ཚིག་སྒྲོག་འདོན་བྱས།
རྟེན་འབྲེལ་ཞུ་ཚིག་ནང་། ཨར་པཱ་ནི་སི་ཡིས་ཨོ་སི་ཁྲུ་ལི་ཡཱའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་མི་ཚང་མར་ལོ་སར་གྱི་སྨོན་འདུན་ཞུས། ཁོས་བསྟན་དོན། 2025ལོ་ནི་ལུགས་རྙིང་ལོ་སར་གྱི་སྦྲུལ་ལོ་རེད། ཨོ་སི་ཁྲུ་ལི་ཡཱའི་མང་ཚོགས་ཀྱིས་ལྒང་ཞུ་དང་ཤོག་སྦགས། སེང་གེའི་འཁྲབ་སྟོན་སོགས་ཁྱད་ཆོས་ལྡན་པའི་ལུགས་རྙིང་ལོ་སར་གྱི་དགའ་སྟོན་བྱ་འགུལ་སྣ་ཚོགས་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།
དགོང་ཚོགས་སྟེང་། རྒྱང་ཐག་རིང་བོ་ནས་ཡོང་བའི་ཀྲུང་གོའི་སྒྱུ་རྩལ་པ་དང་ཨོ་སི་ཁྲུ་ལི་ཡཱའི་སྒྱུ་རྩལ་པས་མཉམ་དུ་རིག་རྩལ་འཁྲབ་སྟོན་བྱས་ནས། ཡུལ་དངོས་ཀྱི་ལྟད་མོ་བར་རྣ་དང་མིག་གི་ལོངས་སྤྱོད་ཉམས་སུ་མྱོང་དུ་བཅུག
བསོད་ནམས་ཚེ་རིང་གིས་བསྒྱུར།