ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་ཡང་བསྐྱར་ཕཱ་རེ་སིའི་གྲོས་ཆོད་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།
2025.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས20ཉིན་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁ་ཡང་བསྐྱར་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཕཱ་རེ་སིའི་གྲོས་ཆོད་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།

2015ལོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ནས་ཕཱ་རེ་སིའི་གྲོས་ཆོད་བཀོད་དེ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་གྲུབ་འབྲས་གལ་ཆེན་དུ་གྱུར། 2017ལོའི་ཟླ6པར། སྐབས་དེའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་ཕཱ་རེ་སིའི་གྲོས་ཆོད་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།

2020ལོའི་ཟླ11པའི་ཚེས4ཉིན། ཨ་མེ་རི་ཁ་དངོས་སུ་གྲོས་ཆོད་དེ་ལས་ཕྱིར་བུད་པ་དང་། བྱ་སྤྱོད་དེར་ཨ་མེ་རི་ཁ་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་བརྗོད་རྒྱ་ཆེར་ཐོབ་ཡོད།

2021ལོའི་ཟླ་དང་པོའི་ཚེས20ཉིན། པེད་ཏིན་གྱིས་ཙུང་ཐུང་གི་འགན་ཁུར་བའི་ཉིན་དང་པོར་སྲིད་འཛིན་བཀའ་རྒྱ་བཀོད་དེ། ཨ་མེ་རི་ཁ་ཡང་བསྐྱར་ཕཱ་རེ་སིའི་གྲོས་ཆོད་ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ལོ་དེའི་ཟླ2པའི་ཚེས19ཉིན། ཨ་མེ་རི་ཁ་ཡང་བསྐྱར་དངོས་སུ་ཕཱ་རེ་སིའི་གྲོས་ཆོད་ནང་ཞུགས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།