ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས20ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་མོལ་བྱེད་འདོད་ཡོད་ཟེར།
ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་ཁོངས་མི་དང་མཉམ་དུ་གྲོས་ཚོགས་བསྡུ་སྐབས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་བར་གྱི་གྲོས་མོལ་སླར་གསོ་བྱེད་འདོད་ཡོད་པའི་གཏམ་བཤད་སྤེལ་བར་དོ་སྣང་བྱེད་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་དགའ་བསུ་ཞུ་བཞིན་ཡོད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་སྐབས་གང་རུང་གི་ཨ་མེ་རི་ཁའི་སྲིད་གཞུང་བར་གྲོས་མོལ་བྱེད་པ་དང་ལེན་མ་བྱས་པའི་སྣང་ཚུལ་མེད་ཀྱང་། ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོས་མོལ་དེ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་འཛུགས་དགོས། དེའི་ཞོར་དུ་རྒྱལ་ཁབ་གཉིས་ཀྱི་འཛམ་གླིང་གྲོས་རིམ་ཁྲོད་དང་ཁྱད་པར་དུ་འཐབ་ཇིུས་གཏན་འཇགས་དང་བདེ་འཇགས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་འདོན་སྤེལ་བྱས་པའི་ནུས་པ་གལ་ཆེན་ལའང་བསམ་བློ་གཏོང་དགོས་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་དམིགས་ཡུལ་ནི་དུས་ཡུན་ཐུང་ངུའི་འཐབ་འཁྲུག་མཚམས་འཇོག་པ་ཙམ་མ་ཡིན་པར། ཡང་བསྐྱར་དམག་དཔུང་གཅིག་བསྡུས་དང་དམག་གྲབས་གང་ལེགས་བྱས་ནས་མུ་མཐུད་དུ་འཁྲུག་རྩོད་བྱེད་པར་གོ་སྐབས་གང་ཡང་སྟེར་མི་རུང་། ས་ཁུལ་གྱི་མི་ཚང་མ་དང་རྒྱལ་ཁབ་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་དུས་ཡུན་རིང་བོའི་ཞི་བདེ་མངོན་འགྱུར་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།