ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས20ཉིན་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་ཡོངས་འགྲུབ་མ་བྱས་གོང་། མཚོ་དམར་དང་ཨ་རབ་མཚོ་ཁུགས་སོགས་མཚོ་ཁོངས་ནས་མུ་མཐུད་དུ་དབྱི་སི་རལ་ལ་འབྲེལ་བ་ཡོད་པའི་གྲུ་གཟིངས་ལ་འཇབ་རྒོལ་བྱེད་རྒྱུ་ཡིན་ཟེར།
ཡེ་མིན་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པས་ཚེས20ཉིན་གྲུ་གཟིངས་སྐྱེལ་འདྲེན་ཀུང་ཟི་ལ་གློག་འཕྲིན་བཏང་སྟེ། རྩ་འཛུགས་དེས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གསུམ་པའི་ནང་དོན་ཡོངས་སུ་ལག་བསྟར་བྱེད་རག་བར་མུ་མཐུད་དུ་དབྱི་སི་རལ་ལ་འབྲེལ་བ་ཡོད་པའི་གྲུ་གཟིངས་ལ་འཇབ་རྒོལ་བྱེད་རྒྱུ་ཡིན་ཟེར།
ཧུའུ་སེ་དྲག་ཆས་པས་བཤད་རྒྱུར། རྒྱལ་ཁབ་གཞན་པའི་གྲུ་གཟིངས་ལ་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུ་ཡིན་ཡང་། ཨ་མེ་རི་ཁ་དང་དབྱིན་ཇི། དབྱི་སི་རལ་བཅས་ཀྱིས་ཡེ་མིན་ཕྱོགས་ལ་བཙན་འཛུལ་བྱས་ན། རྩ་འཛུགས་དེས་ཕྱིར་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།