ཁཱ་ཐར་གྱིས་ཅཱ་ཧྲ་ས་ཁུལ་དུ་འབར་རྫས་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2025.01.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས20ཉིན་གསལ་སྒྲོག་སྤེལ་ཏེ། ཁཱ་ཐར་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས་ཀྱི་ཉིན་བཅུའི་ནང་། ཅཱ་ཧྲ་ས་ཁུལ་དུ་འབར་རྫས་ཧྲིན་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ་མཁོ་འདོན་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དེའི་སྐབས་སུ་ཁཱ་ཐར་གྱིས་ཉིན་རེར་ཅཱ་ཧྲ་ས་ཁུལ་དུ་འབར་རྫས་ཧྲིན་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་མཁོ་འདོན་བྱེད་རྒྱུ་ཡིན་པ་དང་། ཚེས20ཉིན་ཁཱ་ཐར་གྱི་རོགས་སྐྱོར་འབར་རྫས་དྲུད་པའི་དངོས་སྐྱེལ་རླངས་འཁོར25ཁའེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སོང་བ་དང་། འབར་རྫས་དེ་དག་སྨན་ཁང་དང་ཉེན་ཡོལ་བྱེད་སའི་གློག་འདོན་ཐད་བཀོལ་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། བྱ་སྤྱོད་དེ་ལས་ཁཱ་ཐར་གྱིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་དཀའ་སྡུག་ཇེ་ཡང་དུ་གཏོང་བའི་དམ་བཅའ་བརྟན་པོ་མངོན་པར་མཚོན་ཡོད་ཟེར། གསལ་སྒྲོག་ལས་ད་རུང་ས་ཁུལ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རོགས་སྐྱོར་བསྟུད་མར་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།