ཁཱ་ཐར་གྱིས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱིས་བཟུང་མི་བརྗེ་སྤོར་བྱེད་པར་སྐུལ་འདེད་བཏང་ཡོད་པ་ཁྱབ་བསྒྲགས་བྱས།
2025.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཁཱ་ཐར་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས21ཉིན་གསལ་སྒྲོག་སྤེལ་ཏེ། ཁཱ་ཐར་གྱིས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱིས་བཟུང་མི་བརྗེ་སྤོར་བྱེད་པར་སྐུལ་འདེད་བཏང་ནས་ལེགས་འགྲུབ་བྱུང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཁཱ་ཐར་གྱི་བར་འདུམ་ལས་ཨ་ཧྥུའུ་ཧན་དུ་བཀག་འཇུག་ཐེབས་པའི་ཨ་མེ་རི་ཁའི་སྤྱི་དམངས་གཉིས་དང་ཨ་མེ་རི་ཁར་བཀག་འཇུག་ཐེབས་པའི་ཨ་ཧྥུའུ་ཧན་གྱི་སྤྱི་དམངས་གཅིག་བརྗེ་སྤོར་བྱས་པ་དང་། འབྲེལ་ཡོད་མི་སྣ་ཏའོ་ཧཱ་རུ་འབྱོར་ནས་རང་རང་གི་རྒྱལ་ཁབ་ཏུ་ལོག་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་མི་སྣའི་བརྗེ་སྤོར་དེ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་པར་ཕན་ཐོགས་འབྱུང་བར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།