ཐི་ལིང་ཕུའུ་ཡིས་ཁེ་ལས་གསུམ་གྱིས་མ་དངུལ་མེ་སྒོརཁྲག་ཁྲིག་ལྔ་བཏང་སྟེ་མིས་བཟོས་རིག་ནུས་རྟེན་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུའི་ཚུལ་བསྟན།
2025.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས21ཉིན་ཕོ་བྲང་དཀར་པོ་ནས་ཁྱབ་བསྒྲགས་བྱས་དོན། འཇར་པན་གྱི་རོན་ཡུན་སྡེ་ཚོགས་དང་ཨ་མེ་རི་ཁའི་སྒོ་འབྱེད་མིས་བཟོས་རིག་ནུས་ཞིབ་འཇུག་ལྟེ་གནས། ཨ་མེ་རི་ཁའི་རུས་ཡིག་ཀུང་ཟི་བཅས་ཁེ་ལས་གསུམ་གྱིས་མ་དངུལ་མེ་སྒོར་ཁྲག་ཁྲིག་ལྔ་བཏང་སྟེ། ཨ་མེ་རི་ཁ་ནས་མིས་བཟོ་རིག་ནུས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་བསྟན་དོན། ཁེ་ལས་གསུམ་གྱིས་མཉམ་འབྲེལ་སྒོས་གཟའ་སྐར་གྱི་སྒོ་ཞེས་པའི་ལས་གཞི་གསར་བསྐྲུན་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་ནས་གཞི་གྲངས་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། མིས་བཟོས་རིག་ནུས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ཡོད་ཟེར། ཁོས་བཤད་རྒྱུར། དེ་ནི་ལོ་རྒྱུས་སྟེང་ཆེས་ཆེ་བའི་མིས་བཟོས་རིག་ནུས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་ལས་གཞི་ཡིན་ཟེར།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལས་གཞི་དེའི་ཐོག་མའི་དངུལ་གཏོང་ནི་མེ་སྒོར་ཁྲག་ཁྲིག་གཅིག་ཡིན་པ་དང་། མ་འོངས་པའི་ལོ་ངོ་བཞིའི་ནང་མེ་སྒོར་ཁྲག་ཁྲིག་ལྔར་རྒྱ་བསྐྱེད་པའི་འཆར་གཞི་ཡོད་པ་རེད། ཐོག་མར་འཛུགས་སྐྲུན་བྱེད་པའི་གཞི་གྲངས་ལྟེ་གནས་དེ་ཨ་མེ་རི་ཁའི་ཏི་ཁི་སཱ་སི་མངའ་སྡེ་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། དེ་ནས་མངའ་སྡེ་གཞན་པར་རྒྱ་བསྐྱེད་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།