ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ་ཡིས་ཚེས22ཉིན་བསྟན་དོན། ཅིར་ཅི་སི་སི་ཐན་དང་ཀྲུང་གོ་ནི་མིང་དོན་མཚུངས་པའི་མཛའ་མཐུན་ཁྱིམ་མཚེས་དང་འཐབ་ཇུས་གྲོགས་པོ་ཡིན་ལ། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་དེ་རྒྱལ་ཁབ་རང་གི་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོར་བཟུང་ཡོད་ཟེར།
ཀྲ་ཕཱ་ལོ་ཧྥུའུ་ཡིས་ཉིན་དེར་ཅིར་ཅི་སི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིའུ་ཅང་ཕེན་གྱིས་སྤྲོད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ལིའུ་ཅང་ཕེན་གྱིས་བསྟན་དོན། ཁོ་མོ་ནི་ཅིར་ཅི་སི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཡིན་པའི་ནས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། ཤུགས་ཆེན་པོས་ཀྲུང་གོ་དང་ཅིར་ཅི་སི་སི་ཐན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ལིའུ་ཅང་ཕེན་གྱིས2024ལོའི་ཟླ12པའི་ཚེས30ཉིན་ཅིར་ཅི་སི་སི་ཐན་དུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།