ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ལྐོག་འཚོང་མི་སྣ10བསད།
2025.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཨེ་ཅིབ་ཀྱི་ནང་སྲིད་པུའུ་ཡིས་ཚེས23ཉིན་གསལ་སྒྲོག་སྤེལ་ཏེ། ཉེན་རྟོག་ཕྱོགས་ཀྱིས་ཨེ་ཅིབ་ལྷོ་ཕྱོགས་ཀྱི་དུག་རྫས་ལྐོག་འཚོང་ཚོགས་པ་ཞིག་ལ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་དུག་རྫས་ལྐོག་འཚོང་མི་སྣ10བསད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཚོགས་པ་དེས་ཉོ་མཁན་གཞན་ལ་དུག་རྫས་མང་བོ་བགོ་བའི་འཆར་གཞི་ཡོད་པ་ཤེས་རྗེས་ཐེངས་འདིའི་འགུལ་སྐྱོད་སྤེལ་བ་ཡིན་ཟེར། གསལ་སྒྲོག་ལས་འགུལ་སྐྱོད་དེ་སྤེལ་བའི་བྱེ་བྲག་གི་དུས་ཚོད་གླེང་མེད།

གསལ་སྒྲོག་གི་ནང་དོན་ལྟར་ན། ཚོགས་པ་དེར་མི11གིས་གྲུབ་པ་དང་། ཁོ་ཚོས་སྔོན་ཆད་དུག་རྫས་ལྐོག་འཚོང་དང་ལྐོག་གསོད། མཚོན་ཆའི་ལྐོག་འཚོང་། དྲག་ཆས་ལ་བརྟེན་ནས་འཕྲོག་བཅོམ་བྱེད་པ་སོགས་ནག་ཉེས་ཀྱི་དབང་གིས་ཁྲིམས་ལ་སྦྱར་མྱོང་བ་ཏག་ཏག་རེད། ཉེན་རྟོག་ཕྱོགས་ཀྱིས་ཁོ་ཚོ་སྦས་སྐོང་བྱེད་ས་མཐའ་ནས་བསྐོར་སྐབས་ཁོ་ཚོས་ཕྱིར་ཉེན་རྟོག་པར་མེ་མདས་བརྒྱབ་པ་དང་། འཁྲུག་རྩོད་དེའི་ཁྲོད་ནས་དུག་རྫས་ལྐོག་འཚོང་ཚོགས་པའི་མི10བསད་པ་དང་གཞན་ཡང་མི་གཅིག་ལ་རྨས་ཕོག་ཡོད།

ཉེན་རྟོག་ཕྱོགས་ཀྱིས་འགུལ་སྐྱོད་ཁྲོད་མེ་མདའ་དང་དུག་རྫས་མང་བོ་གཞུང་བཞེས་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།