ཨེ་ཙེ་ཨོ་ཕི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལོག་ནས་མི25རྐྱེན་ལམ་དུ་ཤོར།
2025.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཨེ་ཙེ་ཨོ་ཕི་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཨ་མུའུ་ཧཱ་ལཱ་མངའ་སྡེ་རུ་ཚེས23ཉིན་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལོག་པའི་དོན་རྐྱེན་བྱུང་སྟེ། མི25རྐྱེན་ལམ་དུ་ཤོར་བ་དང་། མི29ལ་རྨས་ཕོག་ཡོད་ཟེར།

ས་དེའི་སྲིད་གཞུང་སྡེ་ཁག་གིས་བསྟན་དོན། རླངས་འཁོར་ཆག་སྒོ་དེ་ཨ་མུའུ་ཧཱ་ལཱ་མངའ་སྡེའི་ཝུན་ཐི་ས་ཁུལ་ནས་བྱུང་བ་དང་། རྨས་ཕོག་པའི་འགྲུལ་བ་དག་གིས་ས་དེའི་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།