ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་གིས་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་གྲོས་མོལ་གྱི་བརྡ་ལ་སྒུག་ཡོད་པའི་ཚུལ་བསྟན།
2025.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས23ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་འདྲམཉམ་དང་ཕན་ཚུན་བརྩི་འཇོག་གི་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་དོན་དེའི་ཐད་ནས་བརྡ་གཏོང་བར་སྒུག་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཐི་ལིང་ཕུའུ་ཡི་ཙུང་ཐུང་གི་འགན་ཡུན་ཐོག་མའི་ནང་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོས་མོལ་སྤེལ་མྱོང་། མིག་སྔར་ཨུ་རུ་སིའི་ཕྱོགས་ཀྱིས་ནམ་རྒྱུན་ཨུ་རུ་སིའི་ཕྱོགས་ཀྱིས་གཏམ་བཤད་ལ་དོ་སྣང་ཟབ་མོ་བྱེད་བཞིན་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་གྲོས་མོལ་གྱི་བརྡ་འབྱོར་མེད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བལྟས་ན། ཐི་ལིང་ཕུའུ་ཡིས་གལ་ཏེ་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མཐུན་མ་བཀོད་ན་བཀག་སྡོམ་བྱེད་ཐབས་སྤྱོད་པའི་འཇིགས་ཉེན་སྐུལ་བར་དོན་སྙིང་ཅི་ཡང་མེད་པར་འདོད། ཁོས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཙུང་ཐུང་གི་འགན་ཡུན་ཐོག་མའི་ནང་བཀག་སྡོམ་བྱེད་ཐབས་སྤྱོད་པར་དགའ་མོས་ཡོད་པ་དང་། ཁོ་ནི་ནམ་རྒྱུན་བཀག་སྡོམ་བྱེད་ཐབས་གླེང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཞིག་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།