ནེའུ་ཙེ་ལན་གྱི་ཙུང་ལི་ཡིས་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ་ནི་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་གནད་འགག་ཡིན་པའི་ཚུལ་བསྟན།
2025.01.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ནེའུ་ཙེ་ལན་གྱི་ཙུང་ལི་ལཱ་ཁི་སིན་གྱིས་ཚེས23ཉིན་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་བྱེད་པའི་གཏམ་བཤད་ཁྲོད་ནན་གྱིས་བསྟན་དོན། དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ་ནི་ནེའུ་ཙེ་ལན་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་གནད་འགག་ཡིན་ཟེར།

ལཱ་ཁི་སིན་གྱིས་གཏམ་བཤད་སྤེལ་སྐབས་ནེའུ་ཙེ་ལེན་གྱི་དཔལ་འབྱོར་དར་རྒྱས་མངོན་འགྱུར་བྱས་པའི་ལམ་ཐིག་འཆར་གཞི་མཚམས་སྦྱོར་བྱས་པ་དང་། མིག་སྔར་ནེའུ་ཙེ་ལན་གྱི་མི་མང་བོར་མཚོན་ན་དཀའ་ཚེགས་ཆེ་བའི་དུས་སྐབས་ཤིག་ཡིན། རྒྱུ་མཚན་ནི་ནེའུ་ཙེ་ལན་ལ་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་ཚུན་གྱི་དཔལ་འབྱོར་གྱི་ཉམས་རྒུད་ཆེས་ཆེན་པོ་བྱུང་ཡོད་པས་ཡིན་ཟེར།

ལཱ་ཁི་སིན་གྱིས་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་སྡེ་ཁག་དང་ཕྱི་རྒྱལ་གྱི་དངུལ་གཏོང་ལ་བཅོས་སྒྱུར་ཆེན་མོ་བྱེད་པ་དང་། དེའི་ཞོར་དུ་དངུལ་གཏོང་ལས་རིམ་ཡང་སྟབས་བདེ་རུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས། ནེའུ་ཙེ་ལན་དངུལ་གཏོང་ཅུའུ་དེ་སྲིད་གཞུང་གི་ས་ཚིགས་གཅིག་ཅན་གྱི་ཕྱི་ཕྱོགས་ཚོང་བའི་ཐད་ཀར་དངུལ་གཏོང་ཞབས་ཞུའི་ལས་ཁུངས་ཡིན་པའི་ཆ་ནས། ཕྱི་རྒྱལ་གྱི་དངུལ་གཏོང་མཁན་དག་ལ་འོས་ཤིང་འཚམ་པའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།