ཁྲའོ་ཞན་གྱིས་སྐབས་བཅུ་བཞི་བའི་ཆེས་མཐོའི་མི་དམངས་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་པ་བསྡུས།
2025.01.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱི་སྐབས་བཅུ་བཞི་བའི་ཆེས་མཐོའི་མི་དམངས་གྲོས་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་ཚེས22ཉིན་ནས་ཚེས23ཉིན་བར་རྒྱལ་ས་ཕེན་རང་གི་ཝན་ཧྲིག་ཐེ་གྲོས་དོན་ཁང་ནས་བསྡུས། གྲོས་ཚོགས་ནས་ནེ་ཀིའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

བསྒྲགས་པ་ལྟར་ན། གྲོས་ཚོགས་ནས་ཁྲའོ་ཞན་གྱི་ནེ་ཀིའི2024ལོའི་བྱ་བའི་གནས་ཚུལ་དང2025ལོའི་ལས་འགན། ཁྲའོ་ཞན་གྱི2024ལོའི་རྒྱལ་ཁབ་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་སྤྱི་བསྡོམས་དང2025ལོའི་རྒྱལ་ཁབ་སྔོན་རྩིས་སོགས་ལ་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་། ཁྲའོ་ཞན་གྱི་ནེ་ཀིའི་ཙུང་ལི་ཕེའོ་ཐེ་ཁྲིན་གྱིས་གྲོས་ཚོགས་སྟེང་སྙན་ཞུ་ཕུལ་ཏེ། ན་ནིང་གི་ནེ་ཀིའི་དཔལ་འབྱོར་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་། བར་ཁྱད་བཅས་ལ་དབྱེ་ཞིབ་དང་སྤྱི་བསྡོམས་བྱས་པར་མ་ཟད། སྡེ་ཁག་སོ་སོའི་ད་ལོའི་བྱ་བའི་ལས་འགན་བྱེ་བྲག་ཏུ་བཏོན།

ཕེའོ་ཐེ་ཁྲིན་གྱིས་ནེ་ཀིའི་ཁོངས་མིའི་ཚབ་བྱས་ཏེ་གྲོས་ཚོགས་སྟེང་རྩ་ཁྲིམས་ལ་བློ་དཀའ་བའི་དམ་བཅའ་བཞག་པ་དང་། ནེ་ཀི་ཡིས་ཁྲའོ་ཞན་ངལ་རྩལ་ཏང་གི་ལམ་ཐིག་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པ་དང་དཔལ་འབྱོར་བཀོད་སྒྲིག་བྱ་བ་ལེགས་པོར་བསྒྲུབས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།