ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས24ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། དེའི་ནང་ཨ་མེ་རི་ཁའི་གྲོས་མོལ་ཡང་འདུས། ཡིན་ཡང་ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མོལ་འཕེལ་རིམ་དེར་བཀག་རྒྱ་བཟོ་བཞིན་ཡོད་ཟེར།
གཞན་ཡང་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་བསྡུས་པའི་ཨུ་རུ་སིའི2024ལོའི་ཕྱི་འབྲེལ་གྲུབ་འབྲས་ཀྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ངོ་བོ་རང་བཞིན་ལྡན་པའི་བྱེད་ཐབས་གང་རུང་སྤྱད་དེ་ཞི་བའི་གྲོས་མོལ་ལ་གྲ་སྒྲིག་བྱེད་པ་མཐོང་མེད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འགུལ་སྐྱོད་ཐད་ནས་ངེས་པ་དོན་གྱིས་ཞི་བའི་གྲོས་མོལ་ལ་རྩེ་གཅིག་ཏུ་གཞོལ་པའི་སྣང་ཚུལ་ཅི་ཡང་མངོན་མེད། དེ་ལས་ལྡོག་སྟེ་ནུབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱིས་བསྟུད་མར་ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་། ཝུའུ་ཁི་ལན་གྱི་མགོ་ཁྲིད་རིམ་པའི་ཁྲིམས་མཐུན་རང་བཞིན་གྱི་རྩོད་གླེང་དེ་སྔར་བཞིན་ཐག་གཅོད་བྱས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།